Skip to content

རྐང་ལམ།

དྲ་རྒྱ་དང་གློག་མེད་རུང་། ཐུགས་ཁྲལ་གནང་མི་དགོས། 香橙派 མཁྲེགས་ཆས་ཡོད་ན། ཁྱེད་ཀྱིས་རྐང་ལམ་གྱི་མཉེན་མཛོད་ནས་མཉེན་ཆས་སྣ་ཚོགས་ཕབ་ལེན་བྱེད་ཐུབ།
Screens showing phone, tablet and desktop views of our website

ཁྱད་ཆོས།

གཏམ་གྱི་རྒྱ་མཚོ།

ཁ་པར་གྱི་བརྡ་རྟགས་དང་དྲ་རྒྱ་མེད་པའི་གནས་སྐབས་སུ། ཉེ་འཁོར་གྱི་མི་རྣམས་ལ་གསང་རྒྱ་ལྡན་པའི་ཁ་བརྡ་བྱེད་ཐུབ།

རྒྱང་བསྲིངས་ཕོ་ཉ།

རང་ཉིད་སྒེར་གྱི་སྐུད་མེད་དྲ་བ་བསྐྲུན་ཆོག་ལ། ཉེ་འཁོར་གྱི་མི་རྣམས་ཀྱིས་དེར་མཐུད་རྗེས། དྲ་རྒྱའི་འབྲེལ་མཐུད་མེད་རུང་རྐང་ལམ་སྟེང་གི་ཁྱད་ཆོས་ཡོངས་རྫོགས་ལོངས་སྤྱོད་བྱ་ཐུབ།

ངོ་མཚར་ཕྲེང་བ།

དྲ་བའི་ལམ་སྟོན་ཆས་གང་མང་སྒྲིག་འཇུག་བྱས་ཏེ། སྐུད་མེད་དྲ་བའི་ཁྱབ་ཚད་ཀྱི་ས་ཁོངས་རྒྱ་བསྐྱེད་གཏོང་ཐུབ།

འོད་ཀྱི་གཞིས་ཁྱིམ།

མཁྲེགས་ཆས 香橙派 ཡོད་ན། ཁྱེད་ཀྱིས་རྐང་ལམ་གྱི་མ་ལག་སྤྱད་དེ། རང་ཉིད་ལ་དབང་བའི་ས་གནས་ཀྱི་དྲ་བ་ཞིག་གསར་བསྐྲུན་བྱ་ཆོག

དྲི་བ།

རྐང་ལམ་ནི་ཅི་ཞིག་ཡིན།
རྐང་ལམ་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་རང་བྱུང་གི་གནོད་འཚེ་ཁག་གིས་མི་དང་མི་ཕན་ཚུན་དབར་གྱི་འབྲེལ་འདྲིས་དང་ཡིག་ཆ་མཉམ་སྤྱོད་ལ་ཇི་ལྟར་ཤུགས་རྐྱེན་ཐེབས་ཀྱི་ཡོད་མེད་གཙོ་གནད་དུ་བཟུང་སྟེ་འཆར་འགོད་བྱས་པའི་མ་ལག་ཅིག་ཡིན།
རྐང་ལམ་གང་ནས་བཀོལ་སྤྱོད་བྱེད་ཐུབ།
རྐང་ལམ་བཀོལ་སྤྱོད་བྱེད་པར་དྲ་རྒྱའི་འབྲེལ་མཐུད་མི་དགོས་པས། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། བརྡ་རྟགས་མེད་ས་དང་དྲ་ཤུགས་ཆུང་ས། ཡང་ན། དྲ་རྒྱའི་མཐུན་རྐྱེན་མེད་སའི་ས་ཆ་སོགས་ནས་བཀོལ་སྤྱོད་བྱེད་ཆོག
རྐང་ལམ་ཇི་ལྟར་བཀོལ་སྤྱོད་བྱེད་དགོས།
རྐང་ལམ་གྱི་མ་ལག་འདིས་སྐུད་མེད་རྒྱང་བསྲིངས་བྱེད་ཐུབ་པས། ཁྱེད་ཀྱིས་སྐུད་མེད་དྲ་བ་དེར་སྦྲེལ་ཚར་ན། རིན་མེད་ཀྱི་ཐོག་ནས་འཕྲུལ་དེབ་ཕབ་ལེན་དང་། ཉེ་འཁོར་གྱི་མི་ཚོར་ཁ་བརྡ། མཉེན་ཆས་ཕབ་ལེན་སོགས་བྱེད་ཐུབ།
རྐང་ལམ་དེ་དྲ་རྒྱ་མེད་པའི་ས་གནས་ཀྱི་དྲ་བ་ཞིག་བཟོ་བར་ཡོ་ཆས་གང་དགོས།
རྐང་ལམ་དེ་དྲ་རྒྱ་མེད་པའི་ས་གནས་ཀྱི་དྲ་བ་ཞིག་བཟོ་བར། ཁྱེད་ལ་香橙派 མཁྲེགས་ཆས་ཤིག་དགོས།
རྐང་ལམ་བེད་སྤྱད་དེ་ས་གནས་ཀྱི་དྲ་བའི་ཁྱབ་ཚད་རྒྱ་བསྐྱེད་གཏོང་ཐུབ་བམ།
ཁྱེད་ཀྱིས་དྲ་བའི་ལམ་སྟོན་ཆས་གང་མང་སྒྲིག་འཇུག་བྱས་ཏེ་རྐང་ལམ་གྱི་དྲ་བའི་ཁྱབ་ཚད་ཀྱི་ས་ཁོངས་རྒྱ་བསྐྱེད་གཏོང་ཐུབ།

རྐང་ལམ།

Welcome to Kanglam.